གསལ་བསྒྲགས།
༧རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོས་ལོ་སྔ་མའི་འཕྲོ་མཐུད་ནས་སྤྱི་ཟླ་ 3 ཚེས་ 19 ནས་སྤྱི་ཟླ་ 4 ཚེས་ 19 བར་ཟླ་བ་གཅིག་རིང་རྗེ་མི་བསྐྱོད་རྡོ་རྗེའི་རྣམ་ཐར་ལེགས་སྤྱད་མ་དང་། ཟླ་མེད་མ་གཉིས་ཀྱི་གསུང་ཆོས་སྩལ་གཏན་ཁེལ། དེ་ཡང་བདུན་ཕྲག་རེ་རེའི་གཟའ་ཟླ་བ། མིག་དམར། པ་སངས། སྤེན་པ་བཞི་ལ་གསུང་ཆོས་དང་། དེ་མིན་རྣམས་ལ་བར་གསེང་ཡིན་པ་རེད།
ཐུན་དང་པོ།
རྒྱ་གར་ཆུ་ཚོད། 6:30–7:30 pm
རྒྱ་ནག་ཆུ་ཚོད། 9:00 – 10:00 pm
ཐུན་གཉིས་པ།
རྒྱ་གར་ཆུ་ཚོད། 8:00–9:00 pm
རྒྱ་ནག་ཆུ་ཚོད། 10:30– 11:30 pm
གསུང་ཆོས་དེ་ཉིད་ཡུ་ཊུབ་དང་། ངོ་དེབ་དང་། ཆོས་དབྱངས་དྲ་ཚིགས་བཅས་ནས་ཐད་ཀར་གཟིགས་ཐུབ་པ་དང་། དབྱིན་སྐད། རྒྱ་སྐད་སོགས་སྐད་སྣ་འདྲ་མིན་བཅུ་ཙམ་གྱི་ཐོག་ཏུ་གསུང་བསྒྱུར་གནང་རྒྱུ་ཡིན་པས་དོན་གཉེར་ཅན་རྣམས་ནས་ཐུགས་འཇགས་ཡོང་བར་ཞུ། རྣམ་ཐར་གྱི་ཕྱག་དཔེ་གཟིགས་འདོད་ཡོད་ཚེ་འདི་ནས་ཕབ་ལེན་གནོངས། https://dharmaebooks.org/tag/8th-karmapa/.